ཉེན་སྲུང་དང་ལྡན་པའི་རི་བཤལ་གྱི་དོན་ལུ་ བསླབ་བྱ་གཞན།

  1. རང་དང་རང་གི་སྡེ་ཚན་གྱི་ མཚམས་ཚོད་ཤེས་ནི་དང་ འདི་ལས་མི་བརྒལ་ནི། དཔེར་ན། གཟུགས་ཀྱི་བདེ་ཁམས་དང་ལྕོགས་གྲུབ་ དེ་ལས་གསོ་བའི་ཚད་འཛིན།.
  2. མ་འགྱོ་བའི་ཧེ་མ་ འོས་འབབ་ཡོད་པའི་གནམ་གཤིས་ཀྱི་སྔན་བཤད་ལེན་ནི་དང་ སི་ཀོཊ་ལེནཌ་(Scotland)ཀྱི་རི་ཚུ་ནང་ལས་ཕར་ གནམ་གཤིས་འདི་ མགྱོགས་པར་ར་ཉམས་འགྱོ་ནི་ཨིནམ་ཤེས་དགོ།.
  3. སབ་ཁྲ་དང་ཕྱོགས་སྟོན་འཁོར་ལོ་འབག་ནི་དེ་ལས་ འདི་ཚུ་ལག་ལེན་འཐབ་ཤེས་དགོ། གློག་འཕྲུལ་ཚུ་གྱི་ཕན་ཐོགས་རུང་ མེདཔ་འགྱོ་ནི་དང་ འཕྲུལ་ལྟོ་འཛོགས་འགྱོ་ནི་ཡོདཔ་ལས་ འབགཔ་འཇམ་པའི་ གློག་ཤུགས་ཐུམ་(Power-pack) འབག་བ་ཅིན་ཕན་ཐོགས་འོང་།.
  4. འོས་འབབ་ཡོད་པའི་ལྷམ་ཆས་དང་ རིམ་པ་ལེ་ཤ་ཡོད་པའི་གྱོན་ཆས་གྱོན་དགོ།.
  5. ཚ་དྲོད་རན་ཏོག་ཏོ་དང་སྐམ་ཀྲོག་ཀྲོག་འབད་སྡོད་དགོ། དེ་མེན་ རང་གི་གཟུགས་འདི་ ཁོད་སི་སི་དང་རློནམ་འབད་བཞག་པ་ཅིན་ བསིལ་ནད་འཐོབ་ནི་ཉན་ཁ་ཡོད།.
  6. གཞན་གྱོན་ཆས་འཐེབ་དང་ ཕད་ཅུང་ འཕྲུལ་མེ་དེ་ལས་ རང་གི་ཉེན་སྲུང་གི་མཁོ་ཆས་ལ་སོགས་པ་ཚུ་ གནས་སྟངས་སྐྱོ་གྲགས་ཀྱི་དོན་ལུ་ཁག་ཆེཝ་ལས་ འདི་ཚུ་འབག་དགོ། .
  7. རང་གི་འགྲུལ་ལམ་གྱི་དོན་ལུ་ ཆུ་དང་བཞེས་སྒོ་ཚུ་ལངམ་འབད་འབག་དགོ་མ་ཚད་ གནས་སྟངས་སྐྱོ་གྲགས་ཀྱི་སྐབས་ལུ་ ལག་ལེན་འཐབ་ནིའི་དོན་ལུ་ཡང་ འཐེབ་འབག་དགོ།.
  8. རང་གི་འགྲུལ་ལམ་འདི་འཆར་གཞི་བརྩམ་ནི་དང་ འདི་ནང་ལུ་ ཉན་ཁ་ཅན་གྱི་ས་གནས་ལས་ འཐོན་ཚུགས་པའི་ལམ་ཡང་ཚུད་དགོ།.
  9. ག་དེམ་ཅིག་འབད་ རང་ཐག་བཅད་བའི་དུས་ཚད་ཁར་མ་ལྷོད་པ་ཅིན་ རང་གི་སྐོར་ལས་ཉེན་བརྡ་འབད་ནི་དོན་ལུ་ མི་གཅིག་གདམ་ཁ་རྐྱབ་སྟེ་ རང་གི་སྡེ་ཚན་གྱི་སྐོར་ལས་ཁ་གསལ་དང་ བསམ་པའི་འགྲུལ་ལམ་འདི་ཚུ་ མི་འདི་ལུ་བྱིན་བཞག་དགོ།.
  10. རང་གི་སྡེ་ཚན་ནང་ལུ་ གསོ་བའི་སྒྲོམ་འབག་དགོཔ་དང་ འདི་ལག་ལེན་འཐབ་ཤེས་དགོཔ་ཁག་ཆེ།.
  11. རང་གི་བསམ་པའི་འགྲུལ་ལམ་གི་སྐོར་ལས་ ཞིབ་འཚོལ་འབད་དགོ། དེ་ལས་ཉན་ཁ་ཅན་གྱི་ས་གནས་དང་ བལྟ་བཤལ་གྱི་ས་གནས་ཡང་འཚོལ་དགོ།.
  12. རང་གི་འགྲུལ་ལམ་འདི་མཇུག་བསྡུ་ནི་ ཡང་ན་ རྩེ་མོ་གུ་ལྷོད་ནི་དོན་ལུ་ དོན་མེད་པའི་ཉེན་ཁ་འབག་ནི་མེད་འོང་། དེ་ཡང་ རང་དང་སྡེ་ཚན་གྱི་ཉེན་སྲུང་འདི་གལ་ཆེཝ་ཨིནམ་དང་ རི་བཤལ་འབད་བར་ལོག་ཤུལ་ལས་ཡང་འོང་བཏུབ།.
  13. ཤུགས་བཏོན་དགོ་པའི་ལུས་སྦྱོང་ཚུ་གིས་ རང་གི་གཟུགས་དང་སེམས་འུ་སྡུག་སི་སི་བཟོ་ནི་དང་ དེ་གི་ཤུལ་ལས་ སྣུམ་འཁོར་དུས་ཡུན་རིངམོ་འབད་གཏངམ་ད་ འུ་སྡུག་ནི་ཨིནམ་ཤེས་དགོ། འདི་འབདཝ་ལས་ འཕྲལ་འཕྲལ་རང་ ངལ་འཚོ་དགོཔ་འདི་ཁག་ཆེ།.
  14. དུས་ཡུན་རིངམོ་འབད་ལག་ལེན་འཐབ་བཏུབ་པའི་འགྲུལ་འཕྲུན་འབག་དགོཔ་དང་ ཁག་ཆེ་བའི་དུས་སྐབས་ལུ་ལག་ལེན་འཐབ་ཤེས་དགོ།.

ཁག་ཆེ་བའི་དུས་སྐབས་ གྲོགས་རམ་འཚོལ་ཤེས་དགོ།

ཉེན་བདག། ནཱ་གི་འགྲུལ་འཕྲིན་གིས་ ས་གནས་ལ་ལུ་ཅིག་མ་གཏོགས་ གཞན་ག་ར་ནང་ལུ་ བདའ་མི་འཛིན། ནཱ་གི་འགྲུལ་འཕྲིན་གྱི་མཁོ་སྤྲོད་ལས་ བརྡ་འཕྲིན་ ཀླད་ཀོར་(0) འབད་སྟོན་འོང་། འདི་འབདཝ་ད་ ཡུ་ཀེ་(UK) ནང་ལུ་ ནཱ་གི་འགྲུལ་འཕྲིན་ལུ་ གཞན་མི་མཁོ་སྤྲོད་ཀྱི་བརྡ་འཕྲིན་ཡོད་པ་ཅིན་ ཁོང་ཚུ་གིས་ལན་རྐྱབ་འོང་།.

ཁྲིམས་སྲུང་དང་གངས་རི་སྲོག་རྐྱབ་ཀྱི་དོན་ལུ་ འགྱུད་འཕྲིན་ཨང་ ༩༩༩ ལུ་འབྲེལ་བ་འཐབ་གནང་། དེ་ལས་འོག་ལུ་ཡོད་པའི་ དྲི་བ་ཚུ་གི་ལན་ གྲ་སྒྲིག་འབད་དེ་སྡོད་དགོ།;

    • གློ་བུར་ཉེན་འཚུབ་ཀྱི་རང་བཞིན་འདི་ ག་ཅི་སྨོ?
    • རྐྱེན་ངན་འབྱུང་སའི་ ས་གནས་ག་ཏེ་སྨོ?
    • ཁྱོད་གི་མནོ་བསམ་ལས་འབད་བ་ཅིན་ ཁྱོད་ག་ཏེ་སྨོ?
    • ཁྱོད་སྡོད་སའི་ ས་གནས་ལས་ ག་ཅི་མཐོངམ་མས?
    • ཁྱོད་གི་བསམ་པའི་འགྲུལ་ལམ་འདི་ ག་ཅི་སྡོད་ཡི?
    • ཁྱོད་ ནམ་ལས་འགྱོ་ནི་ འགོ་བཙུགས་ཡི?
    • ཁྱོད་གི་སྣུམ་འཁོར་ ག་ཏེ་བཞག་ཡི?
    • ཁྱོད་དང་ ཁྱོད་ཀྱི་སྡེ་ཚན་ནང་ལས་ ག་ལུ་ཡང་རྨ་བཏོན་ མ་འབྱུང་ག?
    • ཁྱོད་ལུ་འགྲུལ་འཕྲིན་ཡོད་ག?
    • ཁྱོད་ཡོད་སའི་ ས་གནས་འདི་ཁར་གྱི་གནམ་གཤིས་ ག་དེ་འབད་འདུག?
    • ཁྱོད་ཡོད་སའི་ ས་གནས་འདི་ཁར་གྱི་ སའི་གནས་སྟངས་ ག་དེ་འབད་འདུག?

ལྟག་ལུ་ཡོད་མི་ཚུ་ ནཱ་ལས་ པི་ཌི་ཨེཕ་(PDF) འབད་འགྲུལ་འཕྲིན་ནང་ལུ་ ཕབ་ལེན་འབད་དེ་བཞག་བཏུབ། ཁྱོད་ཀྱི་ འགྲུལ་འཕྲིན་ལུ་ གློག་རིག་ཡོངས་འབྲེལ་མེད་པའི་སྐབས་སུ་ འདི་ལག་ལེན་འཐབ་བཏུབ།།

AD
Inside Out

Approved by: St John Scotland